TibetOne
Tibet One,One Tibet!
Photo   
Article   
Music   
Video   
Login
Register
Article
Video
Photo
Music
article
༧གོང་ས་མཆོག་གི་བཀའ་སློབ།
0
shares
Like
Please
log in
or
register
to like posts.
Article
རང་ཉིད་མ་རབས་ཀྱི་སྤྱོད་པ་ཞིག་གི་ནང་དུ་བསྡད་པ་ཡིན་ན། མིའི་སྤྱི་ཚོགས་ནང་དཔེ་མི་སྲིད་པའི་ཐབས་སྐྱོ་པོ་རེད། ཡང་སྒོས་ང་རང་ཚོ་བོད་རིགས་ནང་ལ་ཆ་བཞག་ན། མ་རབས་གཅིག་ཡིན་ཡང་མང་དྲགས་པ་རེད། ཡ་རབས་ཟེར་བ་དེ་བརྒྱ་ཐམ་པ་ཡོད་ཀྱང་ཉུང་དྲགས་པ་རེད། ཆོས་ཁས་བླངས་ཀྱང་རུང་། མ་བླངས་ཀྱང་རུང། སྐྱེ་བ་ཕྱི་མ་ཁས་བླངས་ཀྱང་རུང་། མ་བླངས་ཀྱང་རུང་། སྨྲ་ཤེས་དོན་གོ་བའི་མི་ཞིག་ཡིན་ཕྱིན་ཆད་ལ་ཡ་རབས་བྱ་རྒྱུ་དེ་དངོས་གནས་གལ་ཆེན་པོ་རེད། དེ་ནི་མིའི་རིགས་ཀྱི་གཞི་རྩ་གཙོ་བོའམ་སྙིང་པོ་དེ་རེད། ཡ་རབས་དེ་སྡོང
་པོ་ལྟ་བུ་ཞིག་ལ་ཆ་བཞག དེ་ནས་འཇོན་ཐང་དང་ཤེས་ཡོན་གྱི་ཡལ་ག་དང་། ལོ་མ། འབྲས་བུ་ཕུན་སུམ་ཚོགས་པ་ག་ཚོད་རྒྱས་པ་བྱུང་ན་ཡང་ཡག་པོ་རེད། རྩ་བ་སྡོང་པོ་ལྟ་བུ་དེ་ཡ་རབས་ཀྱི་སྤྱོད་པ་ཞིག་གིས་གཞི་ཟིན་མ་ཐུབ་ན། ཤེས་ཡོན་བཀྲགས་མདངས་ཕུན་སུམ་ཚོགས་པ་ག་འདྲ་ཞིག་ཡོད་ཀྱང་དུག་ཡིན་དང་སྨན་ཡིན་ཤེས་པ་དཀའ། མ་རབས་ཤུགས་ཆེ་བའི་ཚོད་ཀྱིས་མིའི་སྤྱི་ཚོགས་ནང་འཁོས་མ་སྙོམ་པ་དང་། ལྷིང་འཇགས་མེད་པ་ཡོང་གི་ཡོད་པ་རེད། ཡ་རབས་ལག་ལེན་ལ་འགེལ་རྒྱུ་ཁག་པོ་ཡིན་ན་ཡང། དེ་ངེས་པར་དུ་མིའི་སྲོག་དང་འདྲ་བར་བལྟ་དགོས། དབང་པོ་ཡན་ལག་གཞན་དག་ལ་སྐྱོན་མེད་ན་ཡང། སྲོག་དང་བྲལ་ན་རོ་ཡིན་པ་རེད། སྲོག་དང་མ་བྲལ་ན། མི་ཐང་ཐང་མེད་ན་ཡང་ད་དུང་གསོན་པའི་གྲལ་དུ་ཚུད་ཐུབ་ཀྱི་རེད། དེ་བཞིན་དུ་ཡ་རབས་ཀྱི་སྲོག་དང་མ་བྲལ་བ་ཞིག་བྱུང་ན། ཤེས་བྱ་ཡོན་ཏན་ལ་སོགས་པ་གཞན་དག་ཕན་སུམ་ཚོགས་པ་མེད་ན་ཡང་། མིའི་གྲལ་དུ་སླེབས་ཐུབ་པ་དང་ཚུད་ཐུབ་ཀྱི་རེད། སྲོག་དང་འདྲ་བའི་ཡ་རབས་དང་བྲལ་ན། དབང་པོ་ཡན་ལག་གཞན་དག་ག་ཚོད་ཀྱིས་གསལ་པོ་ཡོད་ན་ཡང་། བཟང་པོའི་ཆ་ནས་མིའི་གྲལ་ལ་མི་ཚུད་པ་ལྟ་བུ་རེད། དེར་བརྟེན། ང་ཚོས་ཡ་རབས་དེ་མིའི་སྲོག་དང་འདྲ་བ་ཞིག་ཡིན་ཨང་བསམ་པ་ཞིག་དམ་བཅའ་བཞག་སྟེ་གཟབ་གཟབ་བྱེད་དགོས།
tibetone
Leave a Reply
Cancel reply
You must be
logged in
to post a comment.
Log In
Remember me