TibetOne
Tibet One,One Tibet!
Photo   
Article   
Music   
Video   
Login
Register
Article
Video
Photo
Music
article
བོད། ཤུ་སྒྲ་དགུ་བརྒྱ་དགུ་བཅུ་གོ་དགུ
0
shares
Like
Please
log in
or
register
to like posts.
Article
བོད། ཤུ་སྒྲ་དགུ་བརྒྱ་དགུ་བཅུ་གོ་དགུ
ཞི་བདེ་ཉི་མ།
ཐང་སྟོང་གི་ངལ་དུབ།
ཆུ་དང་འོད་ཀྱི་ལྡེབས་བྲིས།
བྲག་ངོས་སུ་འགྲེངས་པའི་མགོ་བོ
འཆི་བ་སྒོམ་པའི་མེ་ལོང་ཕྱེད་ཀ
ལྷ་རྔའི་སྙིང་གི་འཕར་རྡེབ་ཁྲོད།
དཀོན་མཆོག་གི་ཁུ་བས་གསོས་པའི་མཚན་མོ།
བྲག་དམར་གྱི་མཛེར་བ་ལ་བཀལ་བའི།
གོ་གྲུ་དགུ་བརྒྱ་དགུ་བཅུ་གོ་དགུ
མཚོ་མོའི་མངལ་ལས་བྲོས་པའི།
རླུང་གི་ཤུ་སྒྲ་དགུ་བརྒྱ་དགུ་བཅུ་གོ་དགུ
མཆོད་སྟེགས་ངོས་ཀྱི་རུས་སྒྲོམ།
ལྷ་དང་མི་ཡི་སྔས་འགྲམ་གྱི་ལོ་ཏོག
ལག་པའི་རྨ་ཁའི་ཁྲོད་ལ་བཏབ་པའི།
རྔོན་པའི་སྒོ་དར་སེར་པོ།
མིང་ལ་བོད་ཟེར་བའི་བོད་པ།
རྔོན་པའི་ཨམ་གཙིགས་ཁྲོད་ཀྱི་གཞུ་མོ།
གླག་རྒོད་ཀྱི་སྒྲོ་བས་བཏེགས་པའི།
ནམ་མཐའི་གདོང་འབག་དམར་པོ།
རི་ཡི་སྙིང་ཁྲག་ལས་སྐྱེས་པའི་སོ་ཕྲེང་།
མཆེ་བ་རེ་རེའི་རྒྱབ་ཀྱི་འབྲུག་སྐད་ལྡིར་ལྡིར།
བགྲེས་མོ་ཞིག་གི་གློ་ལུ་ཐེངས་འགའི་རྗེས་སུ།
ཁྲག་མདོག་གི་ལུད་པའི་རྫིང་བུ།
རྫིང་བུའི་ཁྲོད་ཀྱི་མེ་ཏོག་དེས།
ཅི་ལྟར་བཀྲུས་ཀྱང་ནག་པོར་མི་འགྱུར་བའི།
དཀར་གཙང་གཙང་གི་རུས་པའི་རུ་དར།
སྲིན་མོའི་མངལ་ཁྲག་གིས་འཁུར་བའི།
མི་ཡི་གླེགས་བམ་ཁྲོད་ཀྱི་ལྷ་ཚོགས་ཀྱི་མལ་ཁྲི།
ནས་འབྲུ་ལས་ཐོན་པའི་དམངས་གཞས་ཀྱང་།
གནས་མེད་པའི་ཆུ་ལ་འཐམས་འཁྱུད་བྱེད་སའི།
ཤར་ནས་བྱང་ལ་བསྐྱོད་པའི་ཡུར་བ་སྐམ་པོ།
མིས་བཟོས་པའི་ལྷ་དེ་དག
གཞིས་སྒར་གྱི་མཚན་མའི་ནང་ལྐུག་པར་ཞུགས།
མི་ལོ་སྟོང་ཕྲག་གི་འཆང་བཤིག་གིས།
གཟུགས་ཁམས་ཀྱི་མེ་སྟག་ཞུམ་པར་བྱས།
འཕྱོར་གོས་དམར་པོ་གྱོན་པའི་རྡོ་བ་དག
བོད་མི་བགྲེས་པོའི་རུས་པའི་འོག་དྲོས།
ཐོད་ཕོར་ངོས་ཀྱི་གནས་མལ་དེས།
ཤི་བོའི་ཕྲེང་རྡོག་གི་བུ་ཀའི་ནང་།
རྔམ་པ་བརྒྱ་དང་བརྒྱད་ཀྱི་ཕ་ཡུལ་གསོས།
གཞོན་པའི་མཛེས་སྡུག་གི་དུར་ཁྲོད།
གཤིན་པོའི་འབྱོར་ཕྱུག་གི་ཕ་ཁྱིམ།
ནས་འབྲུ་སྤར་གང་གིས་ཉོས་པའི་ནམ་མཁའ།
ཉི་མའི་ལྷན་པ་ཧྲལ་ཧྲུལ་འོག
མི་ཚེ་ཧྲིལ་པོར་ཕྱི་གསལ་ནང་གསལ་ངང་།
ལྷ་ཡི་འཁོར་ལོས་ཁྲིད་པའི་མེ་ཐབ་ཆུང་ཆུང་།
རི་ཚོགས་ཀྱི་ན་བུན་དམར་པོས།
གཙང་པོའི་འོག་གི་མེ་སྦར་མཁན་ཚོ་བསླུས།
བདེ་སྐྱིད་སིལ་བུ་སིལ་བུ་བྱས་ནས།
ཞོགས་པ་གཉོར་མཁན་གྱི་མ་ཡུམ་ཚོས་རུམ།
ཨམ་ཕྲག་གིས་གླུ་གཞས་གཏོང་བཞིན།
ལྷ་རྔའི་རྒྱབ་ལ་གབ་པའི་སྐུ་མགྲོན་ཚོར།
བཀུར་བསྟི་དམྱལ་བའི་བར་དུ་བྱས།
tibetone
Leave a Reply
Cancel reply
You must be
logged in
to post a comment.
Log In
Remember me